༄༅། །གསོལ་འདེབས་རྣམ་ཐར་དྲི་མེད་མ་བཞུགས་སོ། །

མངའ་བདག་ཉང་ཉི་མ་འོད་ཟེར།

ཨེ་མ་ཧོ། རྣམ་ཐར་དྲི་མེད་ཡོན་ཏན་ཀུན་རྫོགས་ཤིང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །རྗེ་བཙུན་པདྨ་བདག་གིས་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །ཐུབ་དབང་རྒྱལ་པོ་ཤཱཀྱའི་བསྟན་པ་ལ། །མཐའ་ཡས་སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར། །རྨད་བྱུང་ངོ་མཚར་མཚན་མཆོག་བརྒྱད་དང་ལྡན། །ཨོ་རྒྱན་པདྨ་བདག་གིས་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །སྤྲུལ་སྐུའི་འབྱུང་གནས་རྒྱ་གར་ནུབ་ཕྱོགས་སུ། །ཨོ་རྒྱན་དྲི་མེད་ཀོ་ཤའི་མཚོ་གླིང་དུ། །མདངས་ལྡན་པདྨའི་སྙིང་པོར་རྫུས་ཏེ་འཁྲུངས། །སྐྱེ་གནས་ཁྱད་འཕགས་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །ཞིང་ཁམས་ཁྱད་འཕགས་ཨོ་རྒྱན་ཕོ་བྲང་དུ། །ཨིནྡྲ་བོ་དྷིའི་སྲས་ཀྱི་སྐལ་བ་མཛད། །མངའ་རིས་ཐམས་ཅད་བྱང་ཆུབ་ལམ་ལ་བཀོད། །ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །རྒྱལ་སྲིད་སྤངས་ནས་དུར་ཁྲོད་གནས་སུ་གཤེགས། །ཞིང་སྐྱོང་མཁའ་འགྲོའི་ཚོགས་རྣམས་དབང་དུ་བསྡུས། །ཏ་ན་ག་ཎའི་སྦྱོར་སྒྲོལ་སྤྱོད་པ་མཛད། །བརྟུལ་ཞུགས་རྨད་བྱུང་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །ཟ་ཧོར་ཡུལ་བྱོན་ཤཱཀྱའི་དགེ་སློང་མཛད། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་རྒྱན་གྱིས་མཛེས། །ཕ་རོལ་ཕྱིན་པ་བཅུ་ཡི་དོན་དང་ལྡན། །ཐར་པའི་ལམ་སྟོན་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །འཇམ་དཔལ་བཤེས་གཉེན་ལ་སོགས་བླ་མ་ཡི། །སྤྱན་སྔར་བྱོན་ནས་སྒྲོ་འདོགས་མ་ལུས་བཅད། །ཐུགས་དམ་ཞལ་གཟིགས་མཁྱེན་གཉིས་མངོན་དུ་གྱུར། །ཤེས་རབ་བློ་ལྡན་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོ་དགེ་སློང་ཀུན་དགའ་མོས། །ཞལ་དུ་གསོལ་ནས་གསང་བའི་པདྨོར་བཏོན། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། །སྨིན་གྲོལ་མཐར་ཕྱིན་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །བླ་མས་ལུང་བསྟན་ཨོ་རྒྱན་ལ་སོགས་པའི། །དུར་ཁྲོད་གནས་སུ་མཁའ་འགྲོས་བྱིན་བརླབས་ནས། །དངོས་གྲུབ་མཆོག་ཐོབ་དགོངས་པ་མངོན་དུ་གྱུར། །མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས། །ཤར་ཕྱོགས་མ་ར་ཏི་ཀའི་གནས་མཆོག་ཏུ། །ལྷ་ལྕམ་མནྡྷ་ར་བ་