༄༅། །བཀྲ་ཤིས་བདེ་སྐྱིད་ཀུན་འབྱུང་བཞུགས།

      ༄༅།   །བརྒྱུད་གསུམ་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །མཆོག་གསུམ་ཡི་དམ་ཞི་ཁྲོའི་བཀྲ་ཤིས་ཤོག །གནས་གསུམ་དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །སྒོ་གསུམ་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཨོ་རྒྱན་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག །ཨོ་རྒྱན་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག །ཨོ་རྒྱན་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག །ཨོ་རྒྱན་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །བླ་མ་པདྨ་འབྱུང་གནས་བཀྲ་ཤིས་ཤོག །ཡི་དམ་གུ་རུ་དྲག་པོའི་བཀྲ་ཤིས་ཤོག །མཁའ་འགྲོ་མཐིང་འོད་འབར་མའི་བཀྲ་ཤིས་ཤོག །རྩ་གསུམ་ལྷ་ཡི་དེང་འདིར་བཀྲ་ཤིས་ཤོག །ཚེ་ཡི་རིག་འཛིན་པདྨའི་བཀྲ་ཤིས་ཤོག །ཚེ་བདག་མཁའ་འགྲོ་ལྷ་ལྕམ་བཀྲ་ཤིས་ཤོག །ཚེ་དབང་ལྷ་མོ་མཚོ་རྒྱལ་བཀྲ་ཤིས་ཤོག །ཚེ་ཡི་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག །དཔལ་མགོན་ཕོ་རྒྱུད་མཉེས་པའི་བཀྲ་ཤིས་ཤོག །ལྷ་མོ་མོ་རྒྱུད་འཁོར་བའི་བཀྲ་ཤིས་ཤོག །བཀའ་སྲུང་གཏེར་སྲུང་འགོ་བའི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མས་སྐྱོབ་པའི་བཀྲ་ཤིས་ཤོག །ལུས་ལ་བདེ་དྲོད་འབར་བའི་བཀྲ་ཤིས་ཤོག །ངག་ལ་ནུས་པ་འབྱུང་བའི་བཀྲ་ཤིས་ཤོག །སེམས་ལ་རྟོགས་པ་འཆར་བའི་བཀྲ་ཤིས་ཤོག །མཆོག་ཐུན་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག །བསོད་ནམས་རི་ལྟར་བརྟན་པའི་བཀྲ་ཤིས་ཤོག །སྙན་གྲགས་འབྲུག་ལྟར་གྲགས་པའི་བཀྲ་ཤིས་ཤོག །གཟི་བརྗིད་ཉི་ལྟར་རྒྱས་པའི་བཀྲ་ཤིས་ཤོག །བདེ་སྐྱིད་ལྷ་ལྟར་འཕེལ་བའི་བཀྲ་ཤིས་ཤོག །ལུས་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག །སེམས་ལ་སྡུག་བསྔལ་མེད་པའི་བཀྲ་ཤིས་ཤོག །ནོར་ལ་ཟད་སྟོང་མེད་པའི་བཀྲ་ཤིས་ཤོག །ཚེ་ལ་བར་ཆད་མེད་པའི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་ལྟར་འབེབ་པའི་བཀྲ་ཤིས་ཤོག །ཟས་ནོར་མཚོ་ལྟར་རྒྱས་པའི་བཀྲ་ཤིས་ཤོག །ཚེ་སྲོག་ལྕགས་ལྟར་སྲ་བའི་བཀྲ་ཤིས་ཤོག །དཔལ་འབྱོར་མེ་ལྟར་འབར་བའི་བཀྲ་ཤིས་ཤོག །ཕུག་གི་ལྷ་ཡིས་སྐྱོབ་པའི་བཀྲ་ཤིས་ཤོག །ཁྱིམ་གྱི་མི་རྣམས་སྐྱིད་པའི་བཀྲ་ཤིས་ཤོག །སྒོ་ཡི་ནོར་རྣམས་འཕེལ་བའི་བཀྲ་ཤིས་ཤོག །ལྷ་མི་ཕྱུགས་གསུམ་དར་བའི་བཀྲ་ཤིས་ཤོག །ནད་གདོན་འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག །ཚེ་དཔལ་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག །ཁམས་གསུམ་དབང་དུ་འདུ་བའི་བཀྲ་ཤིས་ཤོག །གནོད་བྱེད་དགྲ་བགེགས་ཐུལ་བའི་བཀྲ་ཤིས་ཤོག །མིག་གིས་ལེགས་པ་མཐོང་བའི་བཀྲ་ཤིས་ཤོག །རྣ་བས་སྙན་པ་ཐོས་པའི་བཀྲ་ཤིས་ཤོག །ལྕེ་ཡིས་མངར་བ་མྱོང་བའི་བཀྲ་ཤིས་ཤོག །ལུས་ལ་དྲོ་འཇམ་གྱོན་པའི་བཀྲ་ཤིས་ཤོག །ཡོན་བདག་འཁོར་བཅས་སྐྱིད་པའི་བཀྲ་ཤིས་ཤོག །སྐྱིད་པ་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །བདེ་བ་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ལེགས་པ་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅི་བྱས་ལམ་དུ་འགྲོ་བའི་བཀྲ་ཤིས་ཤོག །ཅི་བསམ་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅི་འདོད་ལག་ཏུ་འོང་བའི་བཀྲ་ཤིས་ཤོག །ཅི་དྲན་ཆོས་དང་མཐུན་པའི་བཀྲ་ཤིས་ཤོག །

ཅེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་གཡུ་རྔོག་ཤར་ཚང་ནས་སྦྱར་པའོ། །

 

47.2K