༄༅། །ཨོ་རྒྱན་རྒྱང་འབོད་བཞུགས་སོ། །

༄༅།  །ལྷོ་ནུབ་རྔ་ཡབ་ཀྱི་གླིང་ན། །ཟངས་མདོག་དཔལ་རི་ཡི་རྩེ་མོར། །བཞུགས་པའི་སློབ་དཔོན་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ། རིན་ཆེན་གཞལ་ཡས་ཀྱི་ནང་དུ། །རིག་འཛིན་མཁའ་འགྲོ་ཡི་དབུས་ན། །བཞུགས་པའི་སློབ་དཔོན་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ། སྐུ་ཡི་བཀོད་པ་ནི་དུ་མས། །ཐེག་ཆེན་ཆོས་སྒྲ་ནི་སྒྲོག་བཞིན། །བཞུགས་པའི་སློབ་དཔོན་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ། སྣ་ཚོགས་འཕྲིན་ལས་ཀྱིས་འགྲོ་རྣམས། །ཡང་དག་ལམ་བཟང་ལ་འགོད་བཞིན། །བཞུགས་པའི་སློབ་དཔོན་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ། ལྷ་སྲིན་སྡེ་བརྒྱད་ཀྱི་གདུག་རྩུབ། །གཞོམ་ནས་བསྟན་སྲུང་ལ་འགོད་པའི། །སློབ་དཔོན་ཆེན་པོ་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ། བོད་ཡུལ་མུན་གླིང་འདིར་ཐེག་དགུའི། །བསྟན་པ་རིན་ཆེན་དེ་འཛུགས་པའི། །སློབ་དཔོན་ཆེན་པོ་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ། འདི་ཕྱིའི་བློ་རྩེ་ནི་གཏད་ན། །ཅི་འདོད་དངོས་གྲུབ་ཀུན་སྩོལ་བའི། །སློབ་དཔོན་ཆེན་པོ་དེ་དྲན་ནོ། །ང་ཡི་སྐྱིད་སྡུག་ཨོ་རྒྱན་ཡབ་ཡུམ་གསུམ་མཁྱེན་ནོ། ། ལན་གསུམ།
        ཞེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་ཚེས་བཅུའི་ཉིན་སྦྱར་པའོ། །

47.2K