༄༅།།མ་ཎིའི་འདོན་ཐབས་བཞུགས།

image
ཁ་རྒྱའི་གཏེར་རྒན་རིན་པོ་ཆེ།

ཁ་རྒྱའི་གཏེར་རྒན་རིག་འཛིན་བདུད་འཇོམས་རྡོ་རྗེ།

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་གསལ་མ་བཅོས་རིག་པའི་སྒྱུ་འཕྲུལ་རྩལ། །འཁོར་འདས་ཆོས་ཀུན་དམིགས་མེད་སྟོང་པའི་ངང་། །སྣང་བ་རྟེན་འབྲེལ་སྣོད་ཀྱི་འཇིག་རྟེན་ཀུན། །གདོད་ནས་དག་ཆེན་རི་བོ་ཏ་ལའི་ཞིང་། །ནང་བཅུད་འགྲོ་ཁམས་འཕགས་པའི་སྐུ་རུ་གསལ། །སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་མའི་གཟུངས། །དྲན་རྟོག་གང་ཤར་རིག་སྟོང་ཆོས་སྐུར་སྨིན། །སྒོ་གསུམ་ལྷ་སྔགས་ཏིང་འཛིན་རོལ་བའི་ངང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔

47.2K