༄༅། །བཛྲ་གུ་རུའི་འདོན་ཐབས་བཞུགས།

image
ཁ་རྒྱའི་གཏེར་རྒན་རིན་པོ་ཆེ།

ཁ་རྒྱའི་གཏེར་རྒན་རིག་འཛིན་བདུད་འཇོམས་རྡོ་རྗེ།

    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཕུང་ཁམས་རྣམ་དག་ལྷོ་ནུབ་རྔ་ཡབ་གླིང་། །ཚོགས་བརྒྱད་རང་གྲོལ་ཟངས་མདོག་དཔལ་རིའི་རྩེར། །རང་རིག་སྟོང་གསལ་ཀུན་ཁྱབ་ཐུགས་རྗེའི་བདག །འགྱུར་མེད་སྣང་སྟོང་པདྨ་འབྱུང་གནས་ཉིད། །འགག་མེད་གྲགས་སྟོང་བཛྲ་གུ་རུའི་གདངས། །སྐྱེ་མེད་རིག་སྟོང་སྐུ་གསུམ་དགོངས་པའི་རྩལ། །སྣང་གྲགས་རིག་གསུམ་དཀྱིལ་འཁོར་ལྷུན་རྫོགས་སུ། །གདོད་ནས་དག་ཆེན་ཡེ་ཤེས་ལྔ་ཡི་ངང་། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

47.2K