༄༅། །ཀློང་ཆེན་སྙིང་ཐིག་རྩ་རླུང་ཨ་འཛོམ་ལས་བརྒྱུད་པའི་བླ་བརྒྱུད་ཀྱི་རིམ་པ་བཞུགས།

སྔགས་འཆང་ཚེ་རིང་ལྷུན་གྲུབ།

དེ་ལའང་རྩ་རླུང་རྫོགས་རིམ་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་མན་ངག་གི་བརྒྱུད་ཚུལ་དང་། རྩ་རླུང་འཁྲུལ་འཁོར་མཐོང་བརྒྱུད་ཕྱག་ལེན་གྱི་བརྒྱུད་པ་དང་གཉིས་ལས།

༈ དང་པོ་རྩ་རླུང་རྫོགས་རིམ་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་མན་ངག་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེངྷ་། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བཱི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་དྲི་མེད་འོད་ཟེར། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། དྲི་མེད་བློ་གྲོས་སམ་འཇིགས་མེད་ཆོས་ཀྱི་དབང་པོ། ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ།

༈ གཉིས་པ་རྩ་རླུང་འཁྲུལ་འཁོར་མཐོང་བརྒྱུད་ཕྱག་ལེན་གྱི་བརྒྱུད་པ་ནི། གཏེར་ཆེན་ཡན་ཆོད་བརྒྱུད་གསུམ་རྣམ་གཞག་གོང་ལྟར་ལ། གཏེར་ཆེན་ཉིད་ནས། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། དྲི་མེད་བློ་གྲོས་སམ་འཇིགས་མེད་ཆོས་ཀྱི་དབང་པོ། ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ། ༈འཇིགས་མེད་ཆོས་ཀྱི་དབང་པོ་ནས་བརྒྱུད་ཚུལ་གཞན་ཞིག་ནི། རྫོགས་ཆེན་མཁན་ཆེན་པདྨ་རྡོ་རྗེ། ཨ་མདོ་གཙོས་ཀྱི་ཁ་གྱའི་གཏེར་སྟོན་ནམ་རིག་འཛིན་བདུད་འཇོམས་རྡོ་རྗེ་རོལ་པ་རྩལ། དཔལ་སྤྲུལ་ཡང་སྲིད་འཇམ་དབྱངས་བསྟན་འཛིན་རྒྱལ་མཚན་ནམ་གཙོས་དཔལ་སྤྲུལ། དེ་བའི་ཉེ་གནས་བླ་མ་སྦྱིན་པའི་མདུན་དུའང་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མས་དག་ཐེར་གྱི་ཚུལ་དུ་གསན་བཞེས་མཛད་པ་ཡིན་ཞེས་གསུངས། བརྒྱུད་པ་ཕྱི་མ་འདིའང་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ལ་བཞུགས་ཡོད་ཚུལ་ཁ་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ་གྱི་རྩ་རླུང་འཁྲུལ་འཁོར་གྱི་ཟིན་བྲིས་དམ་པའི་ཞལ་ལུང་ལས་གསལ་བ་བཞིན་ནོ། །

ཞེས་པ་འདིའང་ཨ་འཛོམ་མཆེད་ལྕམ་གླིང་དུ་བླ་མ་རིན་ཆེན་རྣམ་རྒྱལ་དབུས་པའི་མཆེད་གྲོགས་རྣམ་པས་བགྲོ་གླེང་གནང་བའི་སྡོམ་ཚིག་དང་ཁྱད་པར་དུ་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ་ཉིད་ཀྱི་ཞལ་གསུང་ལྟར་ཚེ་རིང་ལྷུན་གྲུབ་ཀྱིས་བྲིས་པའོ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K