༄༅། །བཤགས་པ་སྡིག་སྒྲིབ་ཀུན་འཇོམས་བཞུགས་སོ། །

༄༅། །ཆོས་ཀྱི་དབྱིངས་ན་བཞུགས་པའི་དཀོན་མཆོག་གསུམ། །ཁྱེད་ཅག་ཚོགས་ལ་རྣམ་རྟོག་དྲི་མ་མེད། །བདག་ཅག་རྣམས་ནི་གློ་བུར་དྲི་མས་བསྒྲིབས། །གློ་བུར་དྲི་མས་བསྒྲིབས་པ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བླ་མ་སངས་རྒྱས་ཡིན་པ་ངོ་མ་ཤེས། །གདམས་ངག་བདུད་རྩི་མྱོང་བ་དོན་མ་རྟོགས། །བླ་མར་མོས་གུས་ཆུང་བ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །རང་ལུས་ལྷ་ཁང་ཡིན་པ་ངོ་མ་ཤེས། །སངས་རྒྱས་ནང་ན་བཞུགས་པ་དོན་མ་རྟོགས། །སྒྱུ་ལུས་བྲན་དུ་བཀོལ་བ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཆོས་གྲོགས་སློབ་དཔོན་ཡིན་པ་ངོ་མ་ཤེས། །དམ་ཚིག་སྒྲོལ་མ་ཡིན་པ་དོན་མ་རྟོགས། །ཆོས་གྲོགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བཟའ་བཏུང་ཚོགས་འཁོར་ཡིན་པ་ངོ་མ་ཤེས། །ཡི་དམ་ཚོགས་ལ་དགོངས་པ་དོན་མ་རྟོགས། །ཚོགས་ཕུད་ཐ་མ་ཉམས་པ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཕྱི་ནང་སྐོར་བ་ཡིན་པ་ངོ་མ་ཤེས། །སྐོར་བ་མཚན་ཉིད་ཡིན་པ་དོན་མ་རྟོགས། །ལུང་སྟོང་རྗེས་ཀྱིས་བཀང་བ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །རིགས་དྲུག་ཕ་མ་ཡིན་པ་ངོ་མ་ཤེས། །ཕ་མའི་དྲིན་ལན་མྱོང་བ་དོན་མ་རྟོགས། །ཁ་ལོག་ཚིག་རྩུབ་བྱས་པ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཚེ་འདིར་སྐྱེ་བ་ཡོད་པ་ངོ་མ་ཤེས། །སྐྱེས་ནས་འཆི་བ་ཡོད་པ་དོན་མ་རྟོགས། །མི་ཚེ་ཡལ་བར་དོར་བ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཚེ་འདི་རྨི་ལམ་ཡིན་པ་ངོ་མ་ཤེས། །རྨི་ལམ་སྒྱུ་མ་ཡིན་པ་དོན་མ་རྟོགས། །ཚེ་འདིར་ཞེན་པ་བཅངས་པ་མཐོལ་ལོ་བཤགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྒྲིབ་པ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །གནས་མཆོག་ཟངས་མདོག་དཔལ་རིའི་རྩེ་མོ་ནས། །ཨོ་རྒྱན་དུས་གསུམ་སངས་རྒྱས་བཞུགས་པའི་དྲུང་། །བདག་གི་སྒོ་གསུམ་གུས་པས་མཐོལ་བཤགས་འབུལ། །མཐོལ་བཤགས་ཕུལ་པས་ཚངས་པ་བསྩལ་དུ་གསོལ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལས་ངན་སྡིག་སྒྲིབ་འདག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བཤགས་པ་སྡིག་སྒྲིབ་ཀུན་འཇོམས་ཞེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་པའོ། །

རྩོམ་སྒྲིག་པ། ཨ་ནུ།

47.2K