རེབ་གོང་སོ་ནག་སྡེ་བའི་སྔགས་ཁང་བདེ་ཆེན་མཁའ་འགྲོའི་གླིང་བསྐྱར་བཞེངས་ལེགས་འགྲུབ་བྱུང་བའི་མཛད་སྒོ་དེ་སྤྱི་ལོ༢༠༡༦ལོའི་ཟླ༧པའི་ཚེས༧ཉིན་བསྡུས་ཤིང་། སྐྱབས་རྗེ་གྲུབ་དབང་ནམ་མཁའ་འཇིགས་མེད་འོད་གསལ་རོལ་པའི་བློ་གྲོས་མཆོག་དབུ་བཞུགས་ཀྱི་རིག་འཛིན་འདུས་པ་ཕོ་མོའི་ཚོགས་ཀྱིས་རབ་གནས་ཀྱི་མེ་ཏོག་གཏོར་ཅིང་ཚོགས་ཀྱི་དགའ་སྟོན་ལ་རོལ།





