༧སྐྱབས་རྗེ་བླ་མ་བསོད་ནམས་ཆོས་འབྱོར་རིན་པོ་ཆེའི་སྐུའི་གྱ་སྟོན་གྱི་མཛད་སྒོ་བསྡུས་པ།

༧སྐྱབས་རྗེ་བླ་མ་བསོད་ནམས་ཆོས་འབྱོར་རིན་པོ་ཆེ་ནི་རྨ་བྱང་ངམ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རྙིང་མའི་དགོན་པ་གལ་ཆེན་བྲག་དཀར་གཡུ་ལུང་དགོན་པའི་དགོན་བདག་བླ་མ་ཡིན་ལ། དྲང་སྲོང་ཆེན་པོ་རཱ་ཧུ་ལའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཀྱང་ཡིན་འདུག  སྤྱི་ལོ༢༠༡༦ལོའི་ཟླ༧པའི་ཚེས༧ཉིན། ཁོང་རིན་པོ་ཆེས་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་གྱི་མཛད་སྒོ་དེ་ཁོང་གི་གདན་ས་གཡུ་ལུང་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་བསྡུས་ཤིང་། མདོ་ཁམས་གཉིས་ནས་ཕེབས་པའི་བླ་སྤྲུལ་དང་མཁན་པོ། སྔགས་འཆང་ཕོ་མོ། གསུང་སྐྱེས་བུ་སློབ། དད་ལྡན་མང་ཚོགས་སུམ་སྟོང་ལྷག་མཉམ་འཛོམས་ཀྱིས་རྟེན་འབྲེལ་ཞུས།

གཡུ་ལུང་དགོན།
གཡུ་ལུང་དགོན།
མཛད་སྒོའི་ཡུལ་དངོས།
མཛད་སྒོའི་ཡུལ་དངོས།
དད་ལྡན་མང་ཚོགས།
དད་ལྡན་མང་ཚོགས།
དགོན་པའི་འདུ་ཁང་།
དགོན་པའི་འདུ་ཁང་།
47.2K