རེབ་ཀོང་རྒྱལ་བོ་སྒང་དུ་སྔགས་མའི་སློབ་སྦྱོང་འཛིན་གྲྭ་བསྡུས་པ།

༢༠༠༩ལོའི་ཟླ༡༡པའི་ཚེས༡༡ཉིན་ནས་ཟླ༡༢པའི་ཚེས༡༨བར་དུ།          མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་ཞིབ་འཇུག་ལྟེ་གནས་སྔགས་མང་ཞིབ་འཇུག་ཁང་གིས་ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་རམ་འོག་ཏུ།   རེབ་ཀོང་རྒྱལ་བོ་སྒང་སྡེ་བར་༼ རྒྱལ་བོ་སྒང་སྔགས་མའི་ཟབ་སྦྱོང་འཛིན་གྲྭ ༽ཟེར་བ་ཞིག་རྩ་འཛུགས་བྱས་ཤིང་།  དེ་རུ་སྔགས་མའི་སྲོལ་རྒྱུན་རིག་གནས་སྐོར་དང་།   བུད་མེད་ཀྱི་འཕྲོད་བསྟེན་ཤེས་བྱ། ལག་ཤེས་བཟོ་རྩལ་ཕྲན་བུ་བཅས་ཀྱི་སློབ་ཁྲིད་ནང་དོན་འདུ་ལ། སྔགས་མ་རྣམས་ཕན་ཚུན་བར་བསམ་བློ་བརྗེ་རེས་ཡོང་བ་དང་སློབ་ཞོར་ལས་ཚེགས་ཆུང་དུ་གཏོང་བ་སོགས་ཀྱི་དགོས་མཁོར་དམིགས་ནས་ཉིན་༣༧རིང་ལ་ཉིན་གུང་ཟ་མ་སྤྲད་དེ་མཉམ་ཟ་མཉམ་འཐུང་སྒོས་བགྲོ་གླེང་འཁྲུག་པོ་བྱས། ཐེངས་འདི་ནི་རྒྱལ་བོ་སྒང་སྡེ་བར་སྔགས་མའི་སློབ་སྦྱོང་འཛིན་གྲྭ་བཙུགས་ཐེངས་གཉིས་པ་ཡིན། ད་ལོ་ཡང་ལོ་སྔོན་མ་ནང་བཞིན་སྔགས་མ་༤༠ལྷག་སློབ་སྦྱོང་དུ་ཞུགས། ད་རེས་དམེ་ཤུལ་འཇིགས་མེད་རང་གྲོལ་གྱིས་སློབ་ཁྲིད་གཙོ་འགན་བཞེས་པ་དང་། སྔགས་མ་ལྷ་ཕྱུག་མཚོ་དང་གཡང་ཕྱུག་མཚོ་ཟུང་གིས་སློབ་ཁྲིད་སྒྲིག་ལམ་སྐོར་བཟུང་ལ། སྔགས་པ་སངས་རྒྱས་བཀྲ་ཤིས་ནས་འཚོ་བ་བཀོད་སྒྲིག་བྱས།

47.2K