ཉེ་ཆར་མཛངས་མ་རིན་ཆེན་སྐྱིད་ཀྱིས༼ཀན་ལྷོ་ས་ཁུལ་གྱི་སྔགས་པའི་རིག་གནས་ཞིབ་འཇུག༽ཅེས་པའི་ཆེད་རྩོམ་གྱིས་འབུམ་རམས་པའི་བསླབ་གནས་དམ་བཅའ་བདེ་བླག་ངང་བཞག་ལ། དེ་བཞིན་དུ་ཁོ་མོ་ནི་བོད་ནང་གི་སྔགས་པའི་ཞིབ་འཇུག་སྐོར་གྱི་འབུམ་རམས་པ་སྔ་ཤོས་སུ་གྱུར་འདུག དེ་ཡང་རིན་ཆེན་སྐྱིད་ལགས་ནི་ཀན་ལྷོ་འབོ་ར་ཡུལ་ཚོ་ནས་ཡིན་ཞིང་། ༢༠༠༥ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ལ་ཞུགས་ནས་སྔ་གཞུག་ཏུ་ཤེས་རམས་པའི་བསླབ་གནས་དང་རབ་འབྱམས་པའི་བསླབ་གནས་བླངས་ལ། རབ་འབྱམས་པའི་བསླབ་གནས་ཆེད་རྩོམ་ཡང༼རྩ་ས་སྔགས་སྡེ་དང་བླ་བྲང་སྔགས་པ་གྲྭ་ཚང་གཉིས་ཀྱི་གཤིབ་བསྡུར༽ཞུ་བ་ཡིན་པ་དང་། ༼བླ་བྲང་སྔགས་པ་གྲྭ་ཚང་གི་གུ་རུ་དྲག་པོའི་སྒྲུབ་མཆོད་སྐོར་གྱི་ཉམས་ཞིབ༽སོགས་དཔྱད་རྩོམ་བཅུ་གྲངས་ལྷག་དུས་དེབ་སྣ་ཚོགས་སུ་བཀོད་ཡོད་པ་ལས། རིན་ཆེན་སྐྱིད་ལགས་ནི་སྔགས་པའི་ཞིབ་འཇུག་ལ་ལོ་མང་གཞོལ་བ་དང་སྔགས་པའི་རིག་གནས་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན་པ་རྟོགས་ནུས་སོ།།


དཀར་ཆག
ནང་དོན་གནད་བསྡུས། …………………………………………………………………… I
དབྱིན་ཡིག་གི་ནང་དོན་གནད་བསྡུས། ……………………………………………………VII
གླེང་གཞི།…………………………………………………………………………………1
ས་བཅད་དང་པོ། ཞིབ་འཇུག་གི་དོན་སྙིང་།…………………………………………2
ས་བཅད་གཉིས་པ། ཞིབ་འཇུག་གི་གནས་བབ།………………………………………5
དང་པོ། རྒྱལ་ནང་གི་ཞིབ་འཇུག་གནས་ཚུལ།…………………………………5
གཉིས་པ། ཕྱི་རྒྱལ་གྱི་ཞིབ་འཇུག་གནས་ཚུལ།…………………………………11
མཐའ་དཔྱད།………………………………………………………………………14
ས་བཅད་གསུམ་པ། ཞིབ་འཇུག་བྱ་ཡུལ་དང་གཞན་དག……………………………16
དང་པོ། ཀན་ལྷོ་ས་ཁུལ་གྱི་ལོ་རྒྱུས།……………………………………………16
གཉིས་པ། ཀན་ལྷོ་ས་ཁུལ་གྱི་ས་ཁམས་དང་རིག་གནས།……………………16
གསུམ་པ། ཀན་ལྷོ་ས་ཁུལ་གྱི་སྲིད་འཛིན་ས་ཁུལ་དང་མི་འབོར།……………17
བཞི་བ། ཀན་ལྷོ་ས་ཁུལ་གྱི་ཆོས་ལུགས་རིག་གནས།…………………………18
ལྔ་བ། ཞིབ་འཇུག་བྱ་ཐབས་དང་གསར་གཏོད།……………………………19
ལེའུ་དང་པོ། སྔགས་པའི་ལོ་རྒྱུས།………………………………………………………20
ས་བཅད་དང་པོ། སྔགས་པའི་ལོ་རྒྱུས།…………………………………………23
དང་པོ། སྔགས་པའི་མིང་གི་འདོགས་སྟངས།………………………………23
གཉིས་པ། སྔགས་པའི་ཡོང་ཁུངས་དཔྱད་པ།…………………………………26
ས་བཅད་གཉིས་པ། སྔགས་པའི་འཕེལ་འགྱུར།………………………………………33
ས་བཅད་གསུམ་པ། ཀན་ལྷོའི་སྔགས་པའི་གནས་བབ།………………………………38
དང་པོ། རོང་ཁམས་སྔགས་བརྒྱ།………………………………………………39
གཉིས་པ། ཧོར་གཙང་སྔགས་མང་།………………………………………………42
གསུམ་པ། ཀླུ་ཆུའི་སྔགས་མང་།…………………………………………………42
བཞི་བ། ཅོ་ནེའི་སྔགས་མང་།……………………………………………………43
ལྔ་བ། བླ་བྲང་སྔགས་པ་གྲྭ་ཚང་།…………………………………………………43
དྲུག་པ། ཐེ་བོའི་སྔགས་པ།……………………………………………………45
བདུན་པ། འབྲུག་ཆུའི་སྔགས་པ།…………………………………………………46
ལེའུ་གཉིས་པ། སྔགས་པའི་རིགས་དབྱེ་དང་འགན་ནུས།………………………………………49
ས་བཅད་དང་པོ། སྔགས་པའི་རིགས་དབྱེ།……………………………………………50
ས་བཅད་གཉིས་པ། སྔགས་པའི་སྤྱི་ཚོགས་འགན་ནུས།…………………………………59
དང་པོ། དགྲ་བགེགས་བར་ཆད་སེལ་བ།…………………………………………59
གཉིས་པ། མོ་རྩིས་ལུང་བསྟན།…………………………………………………60
གསུམ་པ། སྨན་དཔྱད།…………………………………………………………64
བཞི་བ། སེར་འགོག་ཆར་འབེབས།………………………………………………65
ལྔ་བ། ཆོ་ག་སྤེལ་བ།……………………………………………………………66
ས་བཅད་གསུམ་པ། སྔགས་པའི་སྒྲིག་འཛུགས་ལམ་ལུགས།……………………………68
དང་པོ། སྔགས་པའི་སྒྲིག་འཛུགས།………………………………………………68
གཉིས་པ། སྔགས་པའི་སྒྲིག་འཛུགས་རིགས་དབྱེ།…………………………………71
གསུམ་པ། སྔགས་པའི་ནང་ཁུལ་གྱི་སྒྲིག་འཛུགས།………………………………73
བཞི་བ། སྔགས་པའི་བཅའ་ཡིག…………………………………………………76
ལེའུ་གསུམ་པ། སྔགས་པའི་སློབ་གསོ།………………………………………………………79
ས་བཅད་དང་པོ། སྔགས་པའི་བསྐྱེད་སྲིང་།…………………………………………81
དང་པོ། སྔགས་མང་དུ་ཞུགས་པ།…………………………………………81
གཉིས་པ། སྐྱབས་སུ་འགྲོ་བ།………………………………………………82
གསུམ་པ། དབང་བསྐུར་བ།………………………………………………85
བཞི་བ། སྒྲུབ་སྦྱོང་།………………………………………………………87
ས་བཅད་གཉིས་པ། སྔགས་མང་གི་ལྷ་ཁང་།…………………………………………90
དང་པོ། ལོ་རྒྱུས།……………………………………………………………91
གཉིས་པ། ནང་གི་བཀོད་པ།……………………………………………………93
གསུམ་པ། སྔགས་མང་གི་དཔལ་འབྱོར།…………………………………………95
ས་བཅད་གསུམ་པ། སྔགས་པའི་འཚོ་བ།…………………………………………………99
དང་པོ། གཉེན་སྒྲིག་དང་ཁྱིམ་ཚང་།………………………………………………99
གཉིས་པ། འདས་མཆོད།…………………………………………………………100
ལེའུ་བཞི་བ། སྔགས་པའི་ཆོ་ག་དང་ཆས་བྱད།………………………………………………101
ས་བཅད་དང་པོ། ཆོས་སྐྱོང་སྲུང་མ།…………………………………………………101
ས་བཅད་གཉིས་པ། ཆས་བྱད་དང་ཆ་ལུགས།………………………………………103
ས་བཅད་གསུམ་པ། མཆོད་ཆས།……………………………………………………110
ས་བཅད་བཞི་བ། ཆོས་ཐོག་དང་ཆོ་ག………………………………………………117
དང་པོ། ཆོ་གའི་རིགས་དབྱེ།……………………………………………………117
གཉིས་པ། ཆོ་གའི་དབྱེ་ཞིབ།……………………………………………………120
ས་བཅད་ལྔ་བ། སྔགས་པའི་ཡིག་ཆ།………………………………………………128
དང་པོ། ཡིག་ཆའི་རིགས་དབྱེ།…………………………………………………129
གཉིས་པ། ཡིག་ཆའི་ཁྱད་ཆོས།…………………………………………………131
མཇུག་སྡོམ།………………………………………………………………………………132
ཟུར་བཀོད།………………………………………………………………………………136
དཔྱད་གཞིའི་ཡིག་ཆ།……………………………………………………………………155
དེབ་འདིའི་སྐོར་ཀློག་ན་གང་ན་ཡོད་དམ།