གསང་ཆེན་ངེས་དོན་གླིང་དུ་པད་གླིང་གཏེར་བྱོན་གསང་བདག་དྲེགས་པ་ཀུན་འདུལ་གྱི་བསྒྲུབ་ཆེན་འཚོགས་བཞིན་པ།

རྩེ་ཁོག་རྫོང་མགར་རྩེ་ཡུལ་ཚོའི་གསང་ཆེན་ངེས་དོན་གླིང་དུ། མགར་རྩེ་ཚོ་བ་བརྒྱད་ནས་ཡོང་བའི་རོང་འབྲོག་སྔགས་པ་བརྒྱད་ཅུར་ཉེ་བ་འཛོམས་ནས།  རིག་འཛིན་ཆེན་པོ་པདྨ་གླིང་པའི་གཏེར་བྱོན་གསང་བདག་དྲེགས་པ་ཀུན་འདུལ་གྱི་བསྒྲུབ་ཆེན་བཙུགས་ཡོད་ལ། རྒན་པའི་ངག་སྒྲོས་ལྟར་ན་གསང་བདག་ཆོས་ཐོགས་འདི་ནི་མག་གསར་ཀུན་བཟང་སྟོབས་ལྡན་དབང་པོས་བཙུགས་ཤིང་། མགར་རྩེ་སྟོད་སྨད་བར་གསུམ་གྱི་བླ་སྔགས་སྤྱི་ནས་གཏོང་བ་ཞིག་ཡིན་མོད། འོན་ཀྱང་བསྟན་པ་ཡང་དར་གྱི་རྗེས་ནས་རེབ་ཀོང་ཆུ་ཁོག་མགར་རྩེ་དང་རྩེ་ཁོག་མགར་རྩེ་གཉིས་ཀྱི་བླ་སྔགས་འདུས་སྤྱི་འབའ་ཞིག་གིས་གཏོང་བཞིན་ཡོད་པ་དང་། དུས་ཚོད་ནི་ལོ་རེའི་ཟླ་དྲུག་པའི་ཚེས༡༣ནས༢༠བར་ཡིན་འདུག

image

 

image

པར་ལེན་མཁན་ལྷ་དཔལ་ཡིན།

47.2K