མཆོག་སྤྲུལ་དཀོན་མཆོག་ཚེ་རིང་ལགས་ནས་མཐུན་རྐྱེན་བླ་མེད་སྦྱར་ཅིང་དབུ་འཛིན་གང་ལེགས་གནང་འོག །ཟླ་ཚང་བདུད་འཇོམས་རིག་འཛིན་ཆོས་ཀྱི་སྙིང་པོ་ཚོགས་པས། དབང་ཆེན་སྤྲེལ་ལོའི་དུས་གཉན་ལ་ཆེད་དམིགས་ཀྱིས། དུས་ཡུན་ཉིན་བཞི་ཡིན་པའི་ཁྲོས་མའི་རིག་འཛིན་འབུམ་ཚོགས་ཆེན་མོ་སྐབས་གཉིས་པ་དེ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད་ཟླ་ཚང་སྡེ་བར་སྤྱི་ཟླ༧པའི་ཚེས༢༩ཉིན་བསྡུས་པ་དང་། བདུད་འཇོམས་མཆོག་སྤྲུལ་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་ཆེད་ཕེབས་ཀྱིས་རིག་འཛིན་འདུས་པའི་ཚོགས་དབུར་བཞུགས་ལ། མཚོ་སྔོན་པོ་ཉིན་སྲིབ་དང་ཁྲི་ཀ །བ་ཡན། རེབ་ཀོང་། མགོ་ལོག །གསེར་རྟ་སོགས་བོད་ཡུལ་ས་ཕྱོགས་མང་པོ་དང་། གཞན་ཡང་རྒྱ་ནག་ཡུལ་ལུང་སོ་སོ་ནས་འོང་བའི་ཆོས་གྲོགས་རིག་འཛིན་ཕོ་མོ༧༠༠ལྷག་ལྷན་དུ་འཛོམས་ནས་ཁྲོས་མ་ནག་མོའི་ཚོགས་ཀྱི་དགའ་སྟོན་ལ་རོལ་ཅིང་། ཟླ༧པའི་ཚེས༣༡ཉིན་ཁྲོས་མའི་སྦྱིན་སྲེག་དང་ཟླ༨པའི་ཚེས༡ཉིན་མཚོ་སྙིང་མ་ཧཱ་དེ་ཝར་མཚོ་གཏེར་འབུལ་བའི་ཆོ་ག་སྤེལ་འཆར་ཡོད་འདུག










བདུད་འཇོམས་གསུམ་པ་ སངས་རྒྱས་པདྨ་བཞད་པ་མཆོག་ བོད་ལྗོངས་ཆོས་ཀྱི་ཞིང་སར་ ག་དུས་ཕེབས་པ་ཡིན། ང་ཚོ་ཡང་ བདུད་འཇོམས་གཏེར་གསར་ལ་ དད་པ་དང་ དེས་གསུངས་པའི་ཆོས་ལ་ཅུང་ཟད་རེ་སྦྱང་བ་བྱེད་ཀྱིན་ཡོད། བདུད་འཇོམས་གོང་མའི་ བཀའ་ཆོས་ འཇའ་ལུས་གྲུབ་པའི་གཤེགས་ཤུལ་ཞེས་བྱ་བ་དེ་ བདུད་འཇོམས་རྗེས་འཇུག་གོང་མ་རྣམས་ཀྱིས་རྙེད་ན་ གཤམ་འཁོད་ ཁ་བྱང་ཐོག་ བསྐྱལ་གནང་རོགས་ཞུ།