རྟེན་འབྲེལ་སྔགས་བཅོས་རིག་པ་ཞེས་པའི་དེབ་ཚོང་རར་བྲིན་བཞིན་པ།

ལྕེ་ནག་ཚང་ཉི་ཟླ་ཧེ་རུ་ཀས་བརྩམས་པའི་རྟེན་འབྲེལ་སྔགས་བཅོས་རིག་པ་ཞེས་པ་ད་ལོའི་ཟླ་དང་པོར་ཚོང་རར་བཀྲམ་པ་ནས་བཟུང་ཀློག་པ་པོ་མང་པོས་དགའ་བསུ་ཐོབ་སྟེ་ཚོང་བྲིན་པོ་བྱུང་དང་འབྱུང་བཞིན་འདུག  དེ་ཡང་ཉི་ཟླ་ཧེ་རུ་ཀའི་ཐུན་མིན་ཁྱད་ཆོས་ཤིག་ནི་མེས་པོའི་ཁྱད་ནོར་འུད་ཀྱིས་མི་སྒྲོག་ལ་ཤུགས་ཀྱིས་ཀྱང་མི་འགོག་པར། ཐོག་མར་བརྟག་དཔྱད་དང་དེ་ནས་ཚོད་ལྟ། རྗེས་སུ་བེད་སྤྱོད་སྟངས་ཁ་གསལ་ཞིང་གོ་བདེ་བར་བསྒྲིགས་ནས་ཉམས་པ་སོར་ཆུད་དང་མ་ཉམས་སྤྱོད་བདེར་གཏོང་བ་ལ་འབད་བཞིན་པ་དེ་ཡིན་ལ། རྟེན་འབྲེལ་སྔགས་བཅོས་རིག་པ་ཞུ་བ་ཡང་ལོ་མང་པོའི་ལག་ལེན་དང་ཉམས་ཞིབ་ལས་ཐོན་པ་གོར་མ་ཆག་ལ། དེབ་དེ་ནི་སྔགས་བཅོས་སྐོར་གྱི་ངོ་སྤྲོད་དང་ཞིབ་འཇུག་ཐོག་མར་སོང་བ་དང་། སྔགས་བཅོས་རྣལ་མའི་ལག་ལེན་གྱི་འཇུག་ངོགས་བཟང་ཤོས་སུ་ཅིས་ཀྱང་འགྱུར་སྲིད་དོ། །

image

47.2K