དེ་ཡང་མཁན་སྤྲུལ་ཐུབ་བསྟན་ནོར་བུ་རྒྱ་མཚོའི་ཐུགས་བསྐྱེད་སྨོན་ལམ་བཞིན། མདོ་སྨད་ཁྲི་ཀའི་སྨད་པའི་སྔགས་དགོན་གསང་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ། དུས་ཡུན་ཉིན་གསུམ་ཡིན་པའི་དབང་ཆེན་སྤྲེལ་ལོའི་རིག་འཛིན་འབུམ་ཚོགས་ཆེན་མོ་དེ༢༠༡༦ལོའི་རྒྱ་ཟླ༧པའི་ཚེས༨ཉིན་འཚོག་མགོ་བརྩམས་པ་དང་། རིག་འཛིན་ཕོ་མོ་ལྔ་བརྒྱ་ལྷག་འདུས་ཏེ་བླ་མ་རིག་འཛིན་འདུས་པའི་སྒོ་ནས་ཚོགས་འཁོར་བླ་ན་མེད་པ་བསྐོར་བཞིན་འདུག




