༧མདོ་མང་གཡང་ཐང་རིན་པོ་ཆེའི་དགོངས་པ་ཆོས་དབྱིངས་སུ་ཐིམ་པ།

img_4835

སྤྱི་ལོ༢༠༡༦ལོའི་ཟླ༡༠པའི་ཚེས༡༥ཉིན། མདོ་མང་གཡང་ཐང་རིན་པོ་ཆེ་ཀུན་བཟང་འཇིགས་མེད་བདེ་ཆེན་འོད་གསལ་རྡོ་རྗེ་མཆོག་གིས་རྒྱ་གར་མོམ་པེ་རུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། དེ་ཡང་མདོ་མང་གཡང་ཐང་རིན་པོ་ཆེ་ནི། བོད་རབ་བྱུང་བཅུ་དྲུག་པའི་ས་མོ་སྦྲུལ་ཏེ་སྤྱི་ལོ༡༩༢༩ལོའི་ཧོར་ཟླ༡༡པའི་ཚེས༡༠ཉིན། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ནུབ་ཕྱོགས་གཡང་ཐང་ཞེས་པའི་ས་རུ། ཡབ་པདྨ་འགྲོ་འདུལ་དང་ཡུམ་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། རྫོགས་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་སྟག་ལུང་རྩེ་སྤྲུལ་རྣམ་གཉིས་ཀྱིས་མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པའི་སྤྲུལ་སྐུར་ངོས་བཟུང་། སྤྱི་ལོ༡༩༤༢ལོར་བོད་དུ་ཕེབས་ནས་མདོ་མང་དགོན་པའི་མི་འཇིགས་རྡོ་རྗེའི་ཁྲི་ལ་ཞབས་སེན་བཀོད། སྐུ་གོང་མའི་ཐུགས་སྲས་མདོ་མང་སོག་སྤྲུལ་རིན་པོ་ཆེ་རིགས་ཀྱི་བདག་པོར་བསྙེན་ནས་བཀའ་གཏེར་ཅི་རིགས་ཀྱི་ཟབ་ཆོས་མནོས། རྫ་ཁ་བླ་མ་ཚུལ་ལོའི་མདུན་ནས་ཐུན་མིན་རྫོགས་ཆེན་གྱི་ཆོས་སྐོར་ལ་ནན་ཆེར་གསན་ནས་ཆོས་ཉིད་མངོན་སུམ་གྱི་རང་ཞལ་མཇལ། དཔལ་ཡུལ་མཁན་པོ་ཀུན་བཟང་འོད་ཟེར་དང་ར་ཧོར་རྫོགས་སྤྲུལ་རིན་པོ་ཆེ། ཝ་ཤུལ་ཁུ་ཆེན་ཐུབ་བསྟན་ཆོས་དབྱིངས་དབང་ཕྱུག་སོགས་ཀྱི་མདུན་སར་གདམས་ཟབ་མང་དུ་གསན། ༡༩༥༩ལོར་རྒྱ་ནག་གི་ཁྲི་མུན་དུ་ཚུད་དེ་བགྲང་བྱ༢༢བཞུགས་དགོས་བྱུང་། ༡༩༨༡ལོར་བཙོན་འགྲོལ་ཐོབ་རྗེས་ཕ་ཡུལ་འབྲས་ལྗོངས་སུ་ལོག་ཕེབས་གནང་། དེ་རྗེས་རིམ་བཞིན་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་དང་དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ། རྡོ་གྲུབ་ཆེན་ཐུབ་བསྟན་འཕྲིན་ལས་དཔལ་འབར་སོགས་ཐུན་མིན་གྱི་བླ་མ་བཅུ་གསུམ་ཙམ་བསྟེན་པ་ལས་སྨིན་གྲོལ་གདམས་ངག་བཅས་ཀྱི་བདུད་རྩི་ཐུགས་ཉམས་སུ་བསྟར།

img_4605

img_4850

img_4832

img_4831

47.2K