མདོ་སྨད་ཁྲི་ཀའི་ཕྱོགས་སུ་སིདྡྷི་དུང་སྒྲུབ་ཆེན་མོ་ཐེངས་གཉིས་འཚོགས་པ།

དབང་ཆེན་སྤྲེལ་ལོའི་དུས་གནད་ཁྱད་པར་ཅན་ལ་དམིགས་ནས་མདོ་སྨད་ཁྲི་ཀའི་ཕྱོགས་སུ་སྔ་གཞུག་ཏུ་སིདྡྷི་དུང་སྒྲུབ་ཆེན་མོ་ཐེངས་གཉིས་འཚོགས་པའི་བསྐལ་པ་བཟང་པོ་བྱུང་ལ། དེ་ཡང་སིདྡྷི་དུང་སྒྲུབ་ཆེན་མོ་སྐབས་དང་པོ་ནི་ཁྲི་ཀའི་སྐེ་བའི་ཨ་སྐོང་བདེ་ཆེན་ཆོས་གླིང་དུ་བོད་ཟླ༩པའི་ཚེས༡ནས་ཚེས༤ཉིན་བར་འཚོགས་པ་དང་། སྔགས་འཆང་ཕོ་མོ་སུམ་བརྒྱ་ལྷག་དང་དད་ལྡན་ཕོ་མོ་ཉིས་སྟོང་ཙམ་ཞུགས་ཤིང་། ཡུལ་མིས་གསོལ་བ་བཏབ་ངོར་སེང་ཁྲིའི་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས་ཚང་དང་ཨ་ལགས་དཔལ་ཆེན་རྡོ་རྗེ། མཁན་སྤྲུལ་ཐུབ་བསྟན་ནོར་བུ་རྒྱ་མཚོ་གསུམ་ཚོགས་དབུར་བྱོན་ཏེ་ལམ་སྟོན་གྱི་བཀའ་ཆོས་གསུངས། ད་རེས་ཀྱི་སིདྡྷི་དུང་སྒྲུབ་ཆེན་མོ་སྐབས་གཉིས་པ་ནི་མདོ་སྨད་ཁྲི་ཀའི་ལ་འགྲོ་གོང་མའི་སྔགས་དགོན་འོད་དཀར་ཆོས་གླིང་དུ་སྤྱི་ཟླ༡༡པའི་ཚེས༤ཉིན་དབུ་བརྩམས་དང་ཚེས༦ཉིན་མཇུག་རྫོགས་ཀྱི་ཡོད་འདུག །ཡུལ་འདིའི་དད་ལྡན་མང་ཚོགས་ཡོངས་དང་ཁྱད་པར་དུ་སྔགས་འཆང་འདུས་སྤྱི་ནས་གསོལ་བ་བཏབ་པ་བཞིན་སེང་ཁྲིའི་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས་ཚང་དང་ཨ་ལགས་དཔལ་ཆེན་རྡོ་རྗེ། མཁན་སྤྲུལ་ཐུབ་བསྟན་ནོར་བུ་རྒྱ་མཚོ་གསུམ་ཚོགས་དབུར་ཕེབས་པ་དང་། སྔགས་འཆང་ཕོ་མོ་གཙོས་དད་ལྡན་མང་ཚོགས་ཁྲི་ཕྲག་གཅིག་ལས་བརྒལ་བ་སིདྡྷི་དུང་སྒྲུབ་ཆེན་མོ་དེ་ལ་ཞུགས་ཡོད།img_0119

img_0117

img_0118

img_0123

img_0127

img_0128

img_0125

པར་རིས་དག་ཁྲི་སྔགས་སྲས་ནས་འདོན་སྤྲོད་བྱས།

 

47.2K